༈ ཨོཾ༑ སྣོད་རྣམས་སྐུ་ཡེ་རྡོ་རྗེའི་བདག་ཨཱ་ཚོགས་རྫས་གསུང་གི་རྡོ་རྗེའི་བདག་ཧཱུཾ༑ རྣལ་འབྱོར་ ཐུགས་ཀྱི་རྡོ་རྗེའི་བདག་ཧོཿ་རྡོ་རྗེ་གསུམ་གྱི་རོལ་པར་གྱུར། །ཨེ༑ རང་རང་དགྱེས་པའི་གདན་ཁྲི་ལ།། ཝཾ༑ མགྲོན་རྣམས་སྤྱན་དྲངས་བཞུགས་སུ་གསོལ། །ཨོཾ༑ ཚོགས་འཁོར་མཁའ་ལྟར་རྒྱ་ཆེ་བ་ ཨཱ་ཟག་མེད་བདུད་རྩིས་བླ་མ་མཆོད། །ཧཱུཾ༑ བདེ་སྟོང་དབྱེར་མེད་ངང་དུ་རོལ། །ཧོཿ་དགྱེས་པས་བྱིན་རླབས་ཆར་ཆེན་ཕོབས། །ཨོཾ༑ ཚོགས་འཁོར་་ཨཱ་ཟག་མེད་བདུད་རྩིས་ཡི་དམ་མཆོད། །ཧཱུཾ༑ བདེ་སྟོང་ ཧོཿ་དགྱེས་པས་དངོས་གྲུབ་ཆར་ཆེན་ཕོབས།། ཨོཾ༑ ཚོགས་འཁོར་་ཨཱ་ཟག་མེད་བདུད་རྩིས་ཆོས་སྐྱོང་མཆོད། །ཧཱུཾ༑ བདེ་སྟོང་་ཧོཿ་དགྱེས་པས་འཕྲིན་ལས་ཆར་ཆེན་ཕོབས། །ཨཿ་རྣམ་པར་མི་རྟོག་ དཔའ་བོའི་ཚོགས། །ཧཾ༑ བདེ་ཆེན་ངང་དུ་རོལ་བར་མཛོད། །འདི་དྷརྨ་བྷ་དྲས་རྗེ་དཀོན་མཆོག་བསྟན་སྒྲོན་གྱི་གསུང་ལ་བརྟེན་ནས་སྦྱར་བའོ།།